ཟླ་གཅིག་ཟབ་སྦྱོང་དགུ་པའི་རིཊ་ལམ་རྩོད་རྒྱུགས།

༄༅། །སྤྱི་ལོ་༢༠༢༦ ལོའི་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བོད་ཁྱིམ་སློབ་གྲྭ་ཁག་ནས་དགུན་ཁའི་ཟླ་གཅིག་ཆོས་རིག་ཟབ་སྦྱོང་སྐབས་དགུ་པ་ལ་འཛུལ་ཞུགས་བྱས་པའི་སློབ་ཕྲུག་རྣམས་ལ་རིགས་ལམ་གྱི་རྩོད་རྒྱུགས་བླངས། ཉིན་གསུམ་པ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༣༡ ལ།

དགེ་བསྐོས་མཆོད་འབུལ།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་༧རྒྱལ་བའི་གོ་སྟོན་བྱམས་བརྩེའི་ལོ་ཡིས་བསུ་བའི་མཆོད་སྤྲིན་སྤྲོ་ཞིང། འཛམ་གླིང་ཞི་བདེ་དང། འགྲོ་ཀུན་བདེ་སྐྱིད་ཀྱི་ལེགས་ཚོགས་སུ་དམིགས། རིག་པ་འཛིན་པ་འདུས་པའི་ཚོགས་ཆེན་པོས་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་པའི་དཀྱིལ་ཆོག་དབང་བཞི་དང་འབྲེལ་བའི་རབ་གནས་དགེ་ལེགས་འཆར་འབེབས་ཉིན་གསུམ་ལས་དེ་རིང་དངོས་གཞི་ཆོས་འཁོར་དུས་ཆེན་ཉིན་འཁེལ་བའི་གསུང་ཆོག་ཚར་དུ་དངར་ཞིང་། དེ་འབྲེལ་སེར་བྱེས་ཏྲེ་ཧོར་དགེ་བཤེས་ལྷ་རམས་པ་བསོད་ནམས་རྡོ་རྗེ་མཆོག་གྲྭ་ཚང་གི་དགུན་ཆོས་དགེ་བསྐོས་ཟླ་བ་དྲུག་རིང་བཞེངས་ཏེ་བསྟན་དོན་ལེགས་ཚོགས་ཞུ་སྒོ་ཁག་རྣམ་དག་ལེགས་གྲུབ་བྱུང་བའི་མཇུག་གི་རྣམ་དཀར་མཆོད་པའི་རྫས་སུ་སྤྲོ་བར་གྲུབ་རིག་འབུམ་སྡེའི་རོལ་མཚོ་རིག་འཛིན་འདུས་པའི་ཚོགས་ཆེན་པོར་བསྙེན་བཀུར་གཟབ་རྒྱས་ལེགས་འབུལ་གྱི་དགེ་རྩ་ཡངས་པར་བྱས་པའོ། །བྱམས་བརྩེ་ལོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༠༧།༢༨ལ།

དགེ་བཤེས་རྣམས་ཀྱི་རྩོད་རྒྱུགས།

༄༅། །སྤྱི་ལོ་ ༢༠༢༥ ལོར་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ས་གསུམ་ནས་གསང་སྔགས་ཉམས་བཞེས་ཀྱིས་ཆོས་ཐོག་འགྲིམས་པའི་དགེ་བཤེས་རྣམས་ཀྱིས་ལོ་གཅིག་གི་རིང་ལ་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་སྟེ། ལོ་འཁོར་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་དང་གདན་ས་ཁག་ནས་ཕེབས་པའི་མཁན་རིན་པོ་ཆེ་དང་མཁན་ཚབ་རྣམས་ཀྱིས་རྒྱུགས་བཞེས་གནང་བ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༡༢ ལ།

ཊཱིཀྐའི་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ།

༄༅། །གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་རྒྱལ་གསང་བ་འདུས་པའི་ཊིཀྐཱ་ཆོས་ཐོག་སྐབས་ལྔ་པ་ཉིན་བཅོ་ལྔ་ཚོགས་ཤིང་དེ་རིང་མཚན་ཕུད་དམ་བཅའ་ཆེན་པོ་ཚོགས་ཏེ་མཇུག་སྒྲིལ་བའི་མཛད་སྒོ་གཟབ་རྒྱས་སྤེལ་བ་གཙོ་བོ་༧རྒྱལ་བའི་གོ་སྟོན་གྱི་མཆོད་སྤྲིན་དུ་དམིགས་སོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༠༣ ལ།

འཇིཊ་བྱེད་བཅུ་གསུམ་མའི་སྒྲུབ་མཆོད།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་ཕྱག་ལེན་གཙོ་ཆེན་ལོ་རེའི་སྒྲུབ་མཆོད་ཆེན་མོ་གསུམ་གྱི་ཡ་གྱལ་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་པའི་རྡུལ་མཚོན་དཀྱིལ་འཁོར་དང་འབྲེལ་བའི་བདག་འཇུག་ཉིན་དང་པོ་དང་དགེ་བསྐོས་ཀྱི་དམ་བཅའ་བཅས་ཉིན་དང་པོའི་སྐུ་པར་བཞུགས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༠།༣༠ ལ།

ལོ་འཁོར་དཀར་རྒྱན་རྒྱུགས་སྤྲོད་སོགས། དང་པོ།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་ཀྱི་སྤྱི་ལོ་ ༢༠༢༥ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། ཉིན་གསུམ་པ། སྔ་དྲོ། དཀར་རྒྱན་སོགས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༨ ལ།

ཟླ་རེའི་སྐྱོར་སྦྱོང་དང་དམ་བཅའ་ཆེན་མོ།

༄༅། །གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་སློབ་གཉེར་བ་རྣམས་ཀྱིས་ཟླ་རེ་ལ་སྐྱོར་སྦྱོང་ཆེན་མོ་རེ་དང་དམ་བཅའ་ཆེན་མོ་རེ་ཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་སྤྱི་ཚེས་ ༡༩ དང་ ༢༢ གཉིས་ལ་སྐྱོར་སྦྱོང་ཆེན་མོ་དང་དམ་བཅའ་ཆེན་མོ་གཉིས་ཚོགས་བཞིན་པ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༡༡།༡༩.༢༢ལ།

ལྕགས་མཁར་ཆེན་མོ།

༄༅། །དཔལ་ལྡན་སྨད་རྒྱུད་པའི་རིག་པ་འཛིན་པ་འདུས་པའི་ཚོགས་ཆེན་པོས་འཇམ་དཔལ་གཤིན་རྗེ་གཤེད་ལ་བརྟེན་པའི་སྒོ་ནས་ལྕགས་མཁར་དྲུག་ཅུ་རྩ་བཞིའི་མངོན་ཆོག་ཧོམ་སྲེག་ཟོར་འཕེན་དང་བཅས་པ་བསྟན་དགྲ་ཕྱེ་མར་སྲེག་པའི་ལས་ཆོག་དེ་རིང་ཉིན་གསུམ་པར་མཇུག་གི་མངོན་ཆོག་ཧོམ་གྱི་ལས་སྦྱོར་དང་འབྲེལ་བའི་ལས་གཤིན་སྐུལ་བའི་དབྱིངས་ནས་ཞིང་བཅུ་བསྒྲལ་བའི་གཏོར་གཟོར་དྲག་འཕེན་གྱི་རྣམ་རོལ་འདི་ཡང་༧རྒྱལ་བའི་སྐུ་ཕྱྭ་གཙོ་བོར་བྱས་བོད་བསྟན་སྲིད་བདེ་ཐབས་དང་འཛམ་གླིང་ཞི་བདེར་དམིགས་པའི་རིམ་འགྲོར་བྱས་སོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༠༩ ལ།

གསང་བ་འདུས་པའི་སྒྲུབ་མཆོད།

༄༅། །དཔལ་ལྡན་སྨད་རྒྱུད་པའི་བཞེད་སྲོལ་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཆེན་མོར་དཔལ་གསང་བ་འདུས་པའི་རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་བདག་འཇུག་ཉིན་བཞི་ཡི་རིང་ཚོགས་ནས་དེ་རིང་མཇུག་གི་དགེ་བའི་ཉིན་མོར་དཀྱིལ་འཁོར་ལྷ་ཚོགས་ཐབ་ཀྱི་མེ་ལྷའི་གཞལ་ཡས་ཁང་དུ་སྤྱན་དྲངས་ཏེ་རྫས་ཀྱིས་མཆོད་པ་འབུལ་ཕྱིར་ཞི་བའི་སྦྱིན་སྲེག་དང་བཅས་པའི་མཇུག་ཆོག་ལེགས་པར་གྲུབ་པའོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༡༡།༢༧ལ།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)