གཞུང་དོན་ཕྱོགས་བསྐྱོད།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གཞུང་དོན་ཕྱོགས་བསྐྱོད་པ་དགེ་འདུན་ཆོག་གྲྭ་རྣམས་ནས་ཨུ་རུ་སུའི་གྲོང་ཁྱེར་མོ་སོ་ཀོ་ནང་དཔལ་གསང་བ་འདུས་པའི་རྡུལ་ཚོན་དཀྱིལ་འཁོར་ཞལ་ཕྱེ་ཆོས་འབྲེལ་དང་། དད་ལྡན་པའི་རྐྱེན་སེལ་རིམ་འགྲོ། མི་དམངས་ལ་ནང་ཆོས་ངོ་སྤྲོད་དང་བགྲོ་གླེང་བཅས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་སྟེ་གནས་དེ་གའི་དད་ལྡན་ཁག་ལ་དཀྱིལ་འཁོར་མཇལ་ཁ་བཅས་མཛད་འཆར་ཁག་སྐལ་ལྡན་མིག་རྒྱན་དུ་སོང་བ་དང་། ཆོག་གྲྭ་རྣམས་ཀྱི་མཛད་རིམ་ཡང་འདི་ནས་མཇུག་བསྒྲིལ་གནང་བ་ཡིན། བྱམས་བརྩེ་ལོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༠༧།༡༠ལ།

སྦེལ་ཀོབ་ཏུ་ཤེས་ཡོན་སྐོར་བསྐྱོད་དུ་ཁྲིད།

༄༅། །སྤྱི་ལོ་ ༢༠༢༥ ཟླ་བ་ ༡༠ པའི་ཚེས་ ༩ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཚོགས་བཞིན་པའི་ཟླ་དྲུག་ཟབ་ཁྲིད་སྐབས་བཅུ་གཉིས་པའི་སློབ་མ་རྣམས་སྦེལ་ཀོབ་དགོན་སྡེ་ཁག་ལ་ཤེས་ཡོན་སྐོར་བསྐྱོད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༡༠།༠༩ལ།

ཆོས་ཚན་ཟུང་འབྲེལ་གྱི་འགྲེམས་སྟོན།

༄༅། །སྐུའི་གོ་སྟོན་སྲུང་བརྩིའི་སླད་སྤྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༩ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཚན་ཟུང་འབྲེལ་གྱི་འགྲེམས་སྟོན་དང་བགྲོ་གླེང་གནང་བའི་སྐབས་ཀྱི་སྐུ་པར། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༡༡།༢༧ལ།

གོ་སྟོན་སྲུང་བརྩི་ཞུས་པ།

༄༅། །སྤྱི་ལོ་ ༢༠༢༥ ཟླ་བ་ ༠༩ པའི་ ཚེས་ ༡༢ ཉིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་མདོ་སྔགས་བཤད་སྒྲུབ་ཀྱི་སློབ་མ་དང་། རྒྱུད་སྨད་གངས་ཅན་རིག་གནས་གཉིས་ཀྱི་སློབ་མའི་བར་གནའ་དེང་གི་ཤེས་ཡོན་བརྗེ་ལེན་དང་། དྲི་བ་དྲི་ལན་བཅས་ཀྱིས་༧ རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུས་པའི་སྐལ་བཟང་གི་ཉིན་མོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༠༩།༡༢ལ།

སློབ་ཕྲུག་ཉིན་མོ།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཚོགས་བཞིན་པའི་ཟླ་དྲུག་ཟབ་ཁྲིད་སྐབས་བཅུ་གཉིས་པའི་སློབ་མ་རྣམས་དང་དགེ་སློབ་ཡོངས་ཀྱི་སློབ་ཕྲུག་ཉིན་མོ་བསུ་བ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༡༡།༡༤ལ།

ཟླ་གཅིག་ཆོས་རིག་ཟབ་སྦྱོང་དགུ་པའི་རྒྱུགས་སྤྲོད།

༄༅། །སྤྱི་ལོ་༢༠༢༦ ལོའི་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བོད་ཁྱིམ་སློབ་གྲྭ་ཁག་ནས་དགུན་ཁའི་ཟླ་གཅིག་ཆོས་རིག་ཟབ་སྦྱོང་སྐབས་དགུ་པ་ལ་འཛུལ་ཞུགས་བྱས་པའི་སློབ་ཕྲུག་རྣམས་ལ་སྐད་ཡིག་ [ སུམ་ཅུ་པ་དང་དག་ཡིག ། ] གི་རྒྱུགས་སྤྲོད་གནང་། ཉིན་དང་པོའི་ཕྱི་དྲོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༩ ལ།

གོ་སྟོན་སྲུང་བརྩི་གསུམ་པ།

༄༅། །སྤྱི་ལོ་ ༢༠༢༥ ལོ་ངོ་ཧྲིལ་པོ་བྱམས་བརྩེའི་ལོ་ཞེས་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་གྱི་སྲུང་བརྩི་ལོ་འཁོར་མོར་ཞུ་ཞིང་། འཛམ་གླིང་ཡུལ་གྲུ་ཀུན་ནས་རང་རང་གི་བརྩམས་ཆོས་རྣམ་གྲངས་དུ་མས་གོ་སྟོན་སྲུང་བརྩི་ཞུ་བཞིན་ཡོད། ད་རེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་བླ་དགེ་སློབ་འདུས་མང་དང་བཅས་ནས་༧རྒྱལ་བའི་གོ་སྟོན་སྲུང་བརྩིའི་ལས་རིམ་ཐེངས་མ་གསུམ་པར་༧རྒྱལ་བའི་ཐུགས་བསྐྱེད་ཀྱི་དམ་བཅའ་ཆེན་པོ་བཞི་ཡི་ཟབ་བརླིང་གོ་དོན་གསལ་བྱེད་ཀྱི་བགྲོ་གླེང་ཆེན་པོ་ཞིག་གནང་བར་མང་ཐོས་དགེ་བའི་བཤེས་གཉེན་རྣམས་དང་བློ་གསར་རིག་པའི་རྩལ་ཅན་དུ་མས་གོ་སྐབས་དགའ་སྤྲོས་བཞེས་པའོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༠༩།༢༤ ལ།

མེ་སོར་དུ་ཤེས་ཡོན་སྐོར་བསྐྱོད།

༄༅། །སྤྱི་ལོ་ ༢༠༢༥ ཟླ་བ་ ༡༡ པའི་ཚེས་ ༢༦ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཚོགས་བཞིན་པའི་ཟླ་དྲུག་ཟབ་ཁྲིད་སྐབས་བཅུ་གཉིས་པའི་སློབ་མ་རྣམས་མེ་སོར་གྲོང་ཁྱེར་དུ་ཤེས་ཡོན་སྐོར་སྐྱོད་གནང་བ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༡༡།༢༦ལ།

དགེ་ཚུལ་གྱི་བསླབ་སྡོམ་སྩལ།

༄༅། །དེ་རིང་སྤྱི་ཟླ་ ༩ པའི་ཚེས་བཅུ་ལྷག་དཀར་གཟའ་ཚེས་དགེ་བའི་ཉིན་མང་ཐོས་འདུལ་བ་འཛིན་པ་གྲྭ་ཚང་འདི་ཉིད་ཀྱི་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་སངས་རྒྱས་མཆོག་ནས་གྲྭ་ཚང་གི་གསར་ཞུགས་གྲྭ་རྒྱུན་གྲངས་སུམ་ཅུ་ཙམ་ལ་དགེ་ཚུལ་གྱི་བསླབ་སྡོམ་སྩལ་གནང་ཞིང་། འདུས་མང་ཚོགས་ཡོངས་ནས་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཛིན་དུ་དགྲ་བཅོམ་གསོལ་སྙོམ་ལ་ཕེབས་པའི་ཚུལ་གྱིས་ལྷུང་བཟེད་མཆོད་པའི་ཉམས་བཞེས་ལྷུར་ལེན་མཛད་དོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༩།༡༠ལ།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)