༄༅། །སྤྱི་ལོ་ ༢༠༢༥ ལོ་ངོ་ཧྲིལ་པོ་བྱམས་བརྩེའི་ལོ་ཞེས་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་གྱི་སྲུང་བརྩི་ལོ་འཁོར་མོར་ཞུ་ཞིང་། འཛམ་གླིང་ཡུལ་གྲུ་ཀུན་ནས་རང་རང་གི་བརྩམས་ཆོས་རྣམ་གྲངས་དུ་མས་གོ་སྟོན་སྲུང་བརྩི་ཞུ་བཞིན་ཡོད། ད་རེས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་བླ་དགེ་སློབ་འདུས་མང་དང་བཅས་ནས་༧རྒྱལ་བའི་གོ་སྟོན་སྲུང་བརྩིའི་ལས་རིམ་ཐེངས་མ་གསུམ་པར་༧རྒྱལ་བའི་ཐུགས་བསྐྱེད་ཀྱི་དམ་བཅའ་ཆེན་པོ་བཞི་ཡི་ཟབ་བརླིང་གོ་དོན་གསལ་བྱེད་ཀྱི་བགྲོ་གླེང་ཆེན་པོ་ཞིག་གནང་བར་མང་ཐོས་དགེ་བའི་བཤེས་གཉེན་རྣམས་དང་བློ་གསར་རིག་པའི་རྩལ་ཅན་དུ་མས་གོ་སྐབས་དགའ་སྤྲོས་བཞེས་པའོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༠༩།༢༤ ལ།
