བྱེས་སུ་སྔོན་སྲོལ་རྒྱུད་འཛིན་གྱི་སྟེང་སྔགས་ཀྱི་གཞུང་ཆེན་སློབ་གཉེར་དང་། མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔ་ལ་གྲྭ་ས་ཁག་བཞིན་དུ་སློབ་གཉེར་གསར་འཛུགས་གནང་ཡོད་པ་ལྟར་སྤྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧རྒྱལ་བའི་དབང་པོ་མཆོག་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་སྐབས་རྒྱུད་སྨད་གྲྭ་ཚང་གི་སློབ་གཉེར་བ་རྣམས་ལ་དམིགས་བསལ་རྩོད་རྒྱུགས་བཞེས་གནང་མཛད་པ་དང་གཟིགས་ཞིབ་གནང་བ།


















































བོད་དུ་རྗེ་བདག་ཉིད་ཆེན་པོས་གསང་བ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བཅས་པ་ཞལ་གཟིགས་བྱུང་སའི་གནས་ཕྱིར་མིག་ལུང་དུ་དབྱར་གནས་ཀྱི་སྐབས་སུ་གནས་དེར་ས་ཕུག་ཆུང་ངུ་རེ་ནང་དུ་བསྙེན་མཚམས་ལ་བཞུགས་ཏེ་རྫོགས་རིམ་སྒོམ་པ་ཡིན།






ལྷ་སར་བདེ་མཆོག་གི་ཆོས་ཐོག་གྲོལ་ནས་དགོང་དྲོ་རྒྱུད་གཞུང་གྲོལ་བ་དང༌། དགེ་བཤེས་རྣམས་ཀྱིས་སྔགས་ཀྱི་དམ་བཅའ་ཆེན་མོ་ཉིན་གསུམ་ཚོགས་དགོས་པ་དང་། དེ་ནས་འབྲས་སྤུངས་སྒོ་མང་གྲས་ཚང་གི་བསམ་བློ་ཁམས་ཚན་དུ་ཕེབས་ཏེ་གཏོར་རྒྱག་སོགས་གནང་ནས། སྨོན་ལམ་ཆོས་ཐོག་ཏུ་གདིང་རྒྱག་མཛད་པའོ། །








ཞོགས་གུར་མོའི་དགོན། བཀྲ་ཤིས་སྒང་གྲོང་ནས་ནུབ་ངོས་ཀྱི་རི་ཁུག་ཏུ་ཡོད། རྗེ་བཙུན་སྒ་ལོ་ཙཱ་ལ་མགོན་པོ་གུ་རུས་ལུང་བསྟན་པ་ལྟར་གནས་དེར་བཞུགས། ཞོགས་ཞེས་པ་ནི་ཨ་ཁུ་སྟོན་པས་གདོན་འདྲེ་དེད་ཕེབས་པས་རྒྱལ་དར་རི་ཟུར་ཞེས་པར་སླེབས་སྐབས། ང་འདིར་ཞོགས་ཞེས་གསུངས་པ་ལས་ཞོགས་ཞེས་པའི་མིང་དེ་ལྟར་བྱུང་བར་བཤད།






སྟག་རྩེ་རྫོང་ཁོངས་སུ་ཡོད། གནས་འདི་ནི་རྗེ་བཙུན་ཤེས་རབ་སེངྒེ་སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་ཞུགས་འབུལ་ཞུ་སའི་གནས་ཡིན་པ་དང༌། ལོ་གཅིག་ལ་ལ་མོ་ཆོས་ཐོག་གནས་དེར་ཕེབས་པ་དང༌། བོད་ཟླ་ལྔ་པའི་ཚེས་ ༢ ཉིན་གདིང་རྒྱག་གནང་ནས། ཤིང་སློང་དང༌། བསླབ་གྲལ། གཞན་ཡང་མཁན་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ཁྲིད་དང༌། ཐུགས་ཐོག་ནས་ཊཱིཀྐ་དང༌། བསྐྱེད་རིམ་བརྩི་བཞག་གནང་རྒྱུ་ཡང་སྔོན་མའི་འཕྲོ་ནས་མུ་མཐུད་དེ་ཡོད།
































གྲྭ་ཚང་འདི་ཉིད་ཐོག་མར་དགའ་ལྡན་དུ་ཕྱག་བཏབ་པ་ཡིན་ལ། དུས་རབས་བཅུ་དྲུག་པའི་སྨད་ནས་གནས་གཞི་ལྷ་སར་ཆགས་པར་འགའ་ཞིག་གིས་བཤད། བོད་ཟླ་དགུ་པར་ལྷ་སར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཆེན་མོ་དང་། བོད་ཟླ་བཅུ་པར་ལྷ་སར་གསང་འདུས་ཆོས་ཐོག་གི་གདིང་རྒྱག་གནང་ནས་ཆོས་ཐོག་དང་། བོད་ཟླ་བཅུ་གཉིས་པར་ལྷ་སར་དཔལ་འཁོར་ལོ་བདེ་མཆོག་ཆོས་ཐོག་གི་གདིང་རྒྱག་གནང་ནས་སྒྲུབ་མཆོད་ཆེན་མོ་ཉིན་བཞི་ཚོགས་དགོས།