མོན་རྒྱུད་སྨད་དགོན་པ་དབུ་འབྱེད་གནང་།

མོན་རྒྱུད་སྨད་འགྲོ་ཕན་བྱམས་བརྩེ་གླིང་གསར་བཞེངས་ལེགས་པར་གྲུབ་སྟེ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་དད་ལྡན་མི་མང་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གི་ཆོས་འབྲེལ་གནང་སོང་།

༧ གོང་ས་མཆོག་གི་གསེར་ཞལ་མཇལ།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་ལས་སྣེ་འབྲེལ་ཡོད་དགེ་འདུན་པ་གང་མང་ཞིག་ལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་ཞལ་མངོན་པར་མཇལ་གྱི་སྐལ་བཟང་བྱུང་སོང་།

ཟླ་དྲུག་ཟབ་སྦྱོང་དང་པོ་དབུ་ཚུགས་པ།

རང་གཞུང་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་མཐོ་སློབ་ཐོན་པའི་རང་རིགས་སློབ་མ་སྐོར་ཞིག་ལ་བོད་ཀྱི་སྐད་ཡིག་དང་རིགས་ལམ་སོགས་ཀྱི་སྐོར་ལ་ཟླ་དྲུག་གི་ཟབ་སྦྱོང་དང་པོ་དབུ་འཛུགས་གནང་།

དགོངས་པ་གཞན་དུ་གཏད་པར་མྱ་ངན་ཞུ།

སྐྱབས་རྗེ་རིན་པོ་ཆེ་རྗེ་བླ་མ་ཐུབ་བསྟན་བཟོད་པ་མཆོག་གློ་བུར་དུ་དགོངས་པ་གཞན་དུ་གཤེགས་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་ཡིད་སེམས་མནར་བའི་ངང་ནས་སྐྱབས་གསོལ་དང་བསྔོ་སྨོན་རྒྱ་གང་ཆེ་ཞུ་སོང་།

རྒྱུད་ཊཱིཀ་དགུན་ཆོས་དབུ་འཛུགས་གནང་།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་ཆེན་མོའི་རྒྱུད་ཀྱི་ཊཱིཀྐའི་དགུན་ཆོས་ཆེན་མོ་སྐབས་གཉིས་པ་དེ་བོད་རྒྱལ་ལོ་༢༡༤༩ཟླ་༡༡ཚེས་༢༦དང་སྤྱི་ལོ་༢༠༢༣ཟླ་༠༡ཚེས་༡༨ནས་དབུ་འཛུགས་གནང་འདུག །

ཟླ་དྲུག་ཟབ་སྦྱོང་དང་པོའི་ལས་བསྡོམས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་འོག་རང་རིགས་མཐོ་སློབ་ཐོན་པའི་སློབ་ཕྲུག་སྐོར་ཞིག་ལ་ནང་དོན་རིག་པ་སོགས་ཀྱི་ཟླ་དྲུག་གི་ཟབ་སྦྱོང་སྤྲད་པ་ལེགས་པར་གྲུབ།

རྒན་འཆི་མེད་དགོངས་པ་གཞན་དུ་ཕེབས།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཚན་ཐོ་དང་པོའི་གྲལ་འཛིན་པ་སྔགས་རམས་པ་རྒན་འཆི་མེད་རྡོ་རྗེ་མཆོག་གཟིམ་ཤག་ཏུ་ཐུགས་མཉམ་བཞག་ངང་ནས་སྐུ་ཞི་བར་གཤེགས་ཏེ་ཉིན་གྲངས་མང་པོ་ལ་ཐུགས་དམ་དུ་བཞུགས་འདུག །

ལྷ་ཚོགས་དགེ་བཤེས་དག་གི་རྒྱུགས་སྤྲོད།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ས་ཁག་ནས་སྔགས་ཀྱི་སློབ་གཉེར་ལ་ཆེད་དུ་ཕེབས་པའི་ལྷ་ཚོགས་དགེ་བཤེས་ལོ་གཅིག་གི་ཆོས་ཐོག་འཁོར་བཞིན་པ་རྣམས་ལ་ལོ་འཁོར་སྔགས་ཀྱི་རྩོད་རྒྱུགས་དང་སྔགས་ཀྱི་བྲིས་རྒྱུགས་བླངས།

རྒྱུད་སྨད་དཔེ་མཛོད་ཁང་དབུ་འབྱེད་བྱས།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དཔེ་མཛོད་ཁང་བསྐྱར་གསོ་གནང་སྟེ་རྟེན་འབྲེལ་གྱིས་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཤིང་ཐོག་ཁའི་དཔེ་ཀློག་ཁང་གི་ལས་གཞི་སོགས་ལས་གཞི་ཁག་གཅིག་མུ་མཐུད་དེ་འགྲོ་བཞིན་འདུག །

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)