ངག་གི་དབང་ཕྱུག་སྨྲ་བའི་ཟླ་བ་གང།།
ལུང་རྟོགས་ཆོས་ཀྱི་འོད་དཀར་གྱིས་མཛེས་ཤིང།།
སྙན་གྲགས་བཟང་པོས་གདུལ་བྱའི་དཔལ་གྱུར་པ།།
བཤེས་གཉེན་དག་པའི་ཞབས་ལ་གསོལ་བ་འདེབས།།
ཞེས་གསུངས་པ་ལྟར།སྤྱིལ་བུ་བ་ངག་དབང་ཆོས་གྲགས་སྨད་རྒྱུད་ཀྱི་མཁན་ཁྲིར་ཕེབས།སྔར་སྲོལ་བཞིན་འཆད་ཉན་མཛད།བྱང་རྩེ་དང་ཁྲི་ལ་ཕེབས་པ་མི་གསལ།དེ་བཞིན་འཁྲུངས་ལོ་དང་གཤེགས་ལོ་ནི་མ་རྙེད་དོ།།