༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽
དཔལ་ལྡན་ངག་གི་དབང་ཕྱུག་མདོ་རྒྱུད་ཀྱི།།
བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་འཛིན་པ་ལ།།
ལྷུན་གྲུབ་འཕྲིན་ལས་བཟང་པོའི་མཛད་པ་ཅན།།
འདྲེན་མཆོག་དམ་པའི་ཞབས་ལ་གསོལ་བ་འདེབས།།
ཞེས་གསུངས་པ་ལྟར།གསལ་ཁང་ངག་དབང་ཆོས་ཀྱི་རྒྱལ་མཚན་མཆོག་སྨད་རྒྱུད་པའི་མཁན་ཁྲིར་བྱོན།དམ་པ་འདི་རབ་བྱུང་༡༠ཤིང་ཕག་ཕྱི་ལོ་༡༥༧༥ལོར་འཕན་ཡུལ་མདར་འཁྲུངས།ཁྲི་ལོ་༡༩པ་ངག་དབང་ཆོས་གྲགས་ཀྱི་སྐྱེ་བ་རྗེས་སུ་དྲན་པས་གསལ་ཁང་སྐུ་སྐྱེ་རུ་གྲགས།སྨད་རྒྱུད་པའི་འཆད་ཉན་པ་མཛད་ཐོག་ནས་བྱར་རྩེར་ཕེབས།རྒྱུད་པ་སྦྲེལ་ཏེ་ཆོས་གསུངས།
ང་གསུམ་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ་༡༦༢༧ལོར་དགའ་ལྡན་གསེར་ཁྲིར་ཕེབས།ལོ་ངོ་གསུམ་མཛད་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་བྱང་རྩེ་ཕུལ་ཏེ།རྗེའི་དངུལ་གདུང་རིན་པོ་ཆེའི་གསེར་ཐོག་རྒྱ་བསྐྱེད་པར་གསོལ་བ་བཏབ་པས།ས་སྦྲུལ་ཕྱི་ལོོ་་༡༦༢༩ལོར་པཎ་ཆེན་རིན་པོ་ཆེས་རྒྱ་ལུགས་ཀྱི་གསེར་ཐོག་ལེགས་པར་གྲུབ་ཅིང་ཆོས་སྦྱིན་ལན་གཅིག་གིས་ཀྱང་ཕན་ཡོན་དཔག་ཏུ་མེད་པ་མདོ་ལས་བཤད་པ་ལྟར་སླར་ཡང་རྗེ་ཉིད་ཀྱིས་འཆད་ཉན་དུ་བཞུགས་སོ།།
འདི་བཻ་སེར་དུ་ཁྲི་༡༩པ་གཤེགས་ནས་འདི་འཁྲུངས་པའི་བར་ལ་ལོ་༢༥སོང་བའི་བར་སྐུ་སྐྱེ་གཞན་བཞེས་སམ་ཞེས་སྡེ་སྲིད་ཀྱིས་དཔྱད་གསུངས།འདིས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་རེ་ཞིག་བྱང་རྩེའི་གོ་ས་ཕུལ་ཏེ་པཎ་ཆེན་གྱིས་ཡངས་པ་ཅན་གྱི་གསེར་གདུང་ཐོག་ཕུབ་པར་མཛད།