འཆད་ཉན་གྱི་གཞུང་སོགས།
རྗེ་བཙུན་ཤེས་རབ་སེང་གེ་དེ་ཉིད་ཀྱིས་རྒྱུད་ཀྱི་འཆད་ཉན་མཛད་པའི་བཤད་གྲྭ་གསར་འཛུགས་གནང་བས་གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་ལམ་གྱི་རྣམ་གཞག་རྗེ་བླ་མའི་བཞེད་སྲོལ་ཐུན་མོང་མ་ཡིན་པའི་རྒྱུན་རྒྱ་ཆེེར་སྤེལ་ཏེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་དང་། རྗེ་ཤེས་རབ་སེང་གེ་ཉིད་རྗེ་བདག་ཉིད་ཆེན་པོ་སྐུ་གཤེགས་ནས་ལོ་ཉེར་ལྔའི་རིང་གཙང་ཡས་མས་སུ་ལན་མང་དུ་ཕེབས་བཞུད་གནང་ཞིང་། དབུས་སུ་དགེ་ལྡན་དང་གནམ་རྩེ་ལྡེང་སོགས་ཕྱོགས་དང་ཕྱོགས་སུ་བྱ་བྲལ་དང་། འཆད་ཉན་འཕེལ་བར་མཛད་པ་དང་།
གཙང་དུ་ཡང་། གངས་ཅན། རྟ་ནག་རི་ཁུད། ལྷུན་པོ་རྩེ། སེང་གེ་རྩེ། བསམ་གྲུབ་རྩེ་ལ་སོགས་པའི་གྲུབ་གནས་དང་། དགོན་སྡེ་ཆེ་ཕྲ་མང་པོར་རྗེའི་བཀའ་སྲོལ་བཞིན་སྒྲུབ་དཀྱིལ་འཛུགས་པ་དང་། རྒྱུད་འགྲེལ་གྱི་བཤད་པ་འཛུགས་པ་སོགས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་པ་ཡིན་ནོ། །ཁོང་གི་རྗེས་སུ་སློབ་དཔོན་སྦྱིན་པ་དཔལ་དང་། དཀའ་བཅུ་བ་གྲགས་པ་བཟང་པོ་དཔོན་སློབ་གཉིས་ཀྱིས་ལོ་ཉི་ཤུ་རྩ་གཉིས་ཙམ་དུ་ཁོང་གི་ཕྱག་སྲོལ་གྱི་རྒྱུན་ལེགས་པར་བསྐྱངས་ཤིང་། དེ་ནས་མཁན་ཐོག་རིམ་བྱོན་གྱིས་རྒྱུད་ཀྱི་འཆད་ཉན་མ་ཉམས་པར་དུས་ད་ལྟའི་བར་དུ་བསྐྱངས་པ་ཡིན་ནོ། །
གྲལ་རིམ། | གླེགས་བམ་གྱི་མཚན། | ཤོག་གྲངས། |
---|---|---|
ཀ༽ | ལྷ་ལྡན་རྒྱ་འབུམ་སྒང་གི་པར་མ། འདུས་པ་རྩ་བའི་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ་ས་བཅད་བསྡུས་དོན་ཕྲེང་བདུན་ཡོད་པ་མདའ་ཚད་མ། | ༡༩ |
ཁ༽ | ཕྲེང་ཚད་དེ་དང་མཉམ་པའི་འདུས་པ་རྩ་བའི་རྒྱུད་ལེེའུ་བཅུ་བདུན་རྒྱུད་ཕྱི་མ་དང་བཅས་པ། | ༥༦ |
ག༽ | དཔལ་ལྡན་ཟླ་བ་གྲགས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་མ་རབ་ཏུ་གསལ་བ་རྗེ་བདག་ཉིད་ཆེན་པོའི་མཆན་དང་བཅས་པ། | ༣༡༥ |
ང ༽ | རྗེ་བདག་ཉིད་ཆེན་པོས་མཛད་པ་རྩ་བཤད་ཀྱི་རྒྱུད་དང་། འགྲེལ་པའི་དོན་དཀའ་བའི་གནད་རྣམས་ལ་དོགས་པ་གཅོད་པའི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ། | ༨༥ |
གོང་གསལ་དཔེ་ཚན་བཞི་བསྡོམས་པོད་ཆེན་གཅིག་ལ།[ དཔེ་ཚན་བཞི་པོ་དེ་དག་མཐོང་བརྒྱུད་ཀྱི་ཕྱག་ལེན་བཞིན་སྦྲགས་ནས་འཆད་དགོས་པས་ན་དམ་ཆོས་འགྲེལ་པ་བཞི་སྦྲགས་ཞེས་ཕ་ཡི་གཅེས་ནོར་ལྟ་བུ་བཞིན་བཟུང་བ་ཡིན།] | ༤༧༦ | |
[ ཡང་རྗེ་བདག་ཉིད་ཆེན་པོས་མཆན་བཏབ་པ་འགྲེལ་པའི་མཆན་ལ་དཀྱུས་མཆན་དང་། ཟུར་མཆན། སྟེང་མཆན། འོག་མཆན་བཞི་ལ། འགྲེལ་པ་མཆན་བཞི་སྦྲགས་ཞེས་གསུང་སྲོལ་ཡོད། སྤྱིར་བཏང་རྒྱུད་པའི་ཕྱག་ལེན་དུ་བཤད་པ་རྡོ་ལག་བརྒྱུད་དང་། མན་ངག་རྡོ་ལག་བརྒྱུད། དམར་ཁྲིད་རྡོ་ལག་བརྒྱུད་བཅས་གསུམ་ཡོད་པ་ལས་འགྲེལ་པ་བཞི་སྦྲགས་འདི་བཤད་པ་རྡོ་ལག་བརྒྱུད་ཅེས་པ་དེ་ཡིན། ] | ||
[ སྤྱི་ལོ་༡༩༧༡ ལོར་རྡ་ས་གཙུག་ལག་ཁང་དུ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འགྲེལ་པ་བཞི་སྦྲགས་རྒྱུད་སྨད་ཕྱག་ལེན་བཞིན་གསུངས། ] | ||
ཅ ༽ | མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། | ༡༩༠ |
ཆ ༽ | རྗེ་བདག་ཉིད་ཆེན་པོའི་གསུང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ། ཅ་ཆ་གཉིས་མན་ངག་དང་བཤད་པ་གཉིས་ཀའི་ཁོངས་སུ་འགྲོ། | ༣༡༢ |
ཇ ༽ | རྗེ་བདག་ཉིད་ཆེན་པོའི་གསུང་། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་བསྡུས་པའི་རྒྱུད་སྦས་པའི་དོན་ཀུན་གསལ་བར་བྱེད་པ་ཞེས་བྱ་བ་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན། | ༡༥ |
ཉ ༽ | རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ། | ༤༣ |
ཏ ༽ | རྗེ་བདག་ཉིད་ཆེན་པོའི་གསུང་། བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ། འདི་ནི་བཤད་པ་རྡོ་ལག་བརྒྱུད་ཁོངས་སུ་འགྲོ་བ་ཡིན། | ༡༥༢ |
ཐ ༽ | རྗེ་བཙུན་ཤེས་རབ་སེང་གེའི་གསུང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་བཤད་པས་འཆད་པ་ལས་ལེའུ་དང་པོ་རྒྱ་ཆེར་བཤད་པ་ལ་ཕྲེང་བདུན་ཡོད་པ་མདའ་ཚད་མ།[ རྗེ་ཤེར་སེང་གི་གསང་འདུས་རྩ་རྒྱུད་ཊཱིཀྐ་ལེའུ་དང་པོ་དང་གཉིས་པ་ཆ་ཚང་མཁན་པོས་ཐུགས་ཐོག་ནས་གནང་དགོས་པ་དང། ཊཱིཀྐ་སྐྱོར་དཔོན་ཞེས་པ་དགེ་བཤེས་ཀྱི་ཁོངས་ནས་ཕེབས་ཏེ་དེས་ཀྱང་ཊཱིཀྐ་ལེའུ་དང་པོ་དང་གཉིས་པ་གཉིས་ཐུགས་ཐོག་ནས་སྐྱོར་དགོས། གཞན་བསྐྱེད་རིམ་སྐྱོར་དཔོན་ཞེས་པ་བསྐྱེད་རིམ་པའི་ཁོངས་ནས་ཕེབས་ཏེ་བསྐྱེད་རིམ་འདུས་མང་གི་དབུས་སུ་ཐུགས་ཐོག་ནས་སྐྱོར་དགོས་པ་ཡིན། ] | ༨༢ |
ད ༽ | དེ་བཞིན་དུ་ལེའུ་གཉིས་པ་ནས་ལེའུ་ལྔ་པའི་བར་གྱི་རྒྱ་ཆེར་བཤད་པས་འཆད་པ། | ༤༢ |
ན ༽ | དེ་བཞིན་དུ་ལེའུ་དྲུག་པ་ནས་ལེའུ་དགུ་པའི་བར་གྱི་རྒྱ་ཆེར་བཤད་པས་འཆད་པ། | ༤༧ |
པ ༽ | དེ་བཞིན་དུ་ལེའུ་བཅུ་པ་ནས་ལེའུ་བཅུ་གསུམ་པའི་བར་གྱི་རྒྱ་ཆེར་བཤད་པས་འཆད་པ། | ༧༣ |
ཕ ༽ | དེ་བཞིན་དུ་ལེའུ་བཅུ་བཞི་པ་ནས་ལེའུ་བཅུ་བདུན་པའི་བར་གྱི་རྒྱ་ཆེར་བཤད་པས་འཆད་པ། | ༡༢༠ |
འདི་རྣམས་བསྡོམས་པོད་ཆེན་གཅིག་ལ།[ དབུ་ནས་ལེའུ་བརྒྱད་པའི་མཚམས་སྦྱར་བར་ཚིག་གཅིག་ཀྱང་མ་ལུས་པར་ཐུགས་ཐོག་ནས་འཆད་ཅིང་། འདིའི་ལན་ལེའུ་དང་པོའི་སྐྱོར་དཔོན་དང་། གཉིས་པ་ནས་བརྒྱད་པའི་བར་གྱི་ཊཱིཀྐ་སྐྱོར་དཔོན་དགེ་བཤེས་སོ་སོ་ནས་ཀྱང་ཧ་ཅང་བྱང་པོར་སྐྱོར་དགོས། སླར་ཡང་འཛིན་གྲའི་ནང་དུ་ཚར་གཅིག་ཏེ་ཊཱིཀྐ་ཉིན་རེ་བརྩི་བཞག་གང་བཏང་བ་དེ་ཚར་གསུམ་རེ་ངེས་ཅན་འགྲོ་དགོས་པ་ཡིན། ] | ༣༦༢ | |
བ ༽ | དྭགས་པོ་ནམ་མཁའ་གྲགས་ཀྱི་གསུང་། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གྱི་རྣམ་གཞག་རྡོ་རྗེ་འཆང་བླ་མའི་གསུང་རྒྱུན་ཞེས་བྱ་བ་ཕྲེང་བདུན་ཡོད་པ་མདའ་ཚད་མ།[ འདི་ཐུགས་ཐོག་ནས་བརྩི་བཞག་བཏང་ནས་འཆད་ཅིང་། འདིའི་ལན་གསང་འདུས་བསྐྱེད་རིམ་སྐྱོར་དཔོན་ནས་བྱང་པོར་སྐྱོར་དགོས། ལོ་གཅིག་ལ་ཚར་གཉིས་གཏོང་དགོས། ] | ༥༠ |
མ ༽ | པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལཱུ་ཨི་པའི་བསྐྱེད་རིམ། | ༤༡ |
ཙ ༽ | པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་དངོས་གྲུབ་སྙེ་མ། [ འདི་ཡང་གསང་བདེ་གཉིས་ཀྱི་བསྐྱེད་རིམ་བཞིན་གཏོང་ལུགས་གཅིག་མཚུངས་ཡིན། ] | ༢༩ |
ཚ ༽ | ཁྲི་ཆེན་དགེ་འདུན་རྒྱལ་མཚན་པས་ཡི་གེར་བཀོད་པ་རིམ་ལྔའི་དམར་ཁྲིད་ཁྲིད་ཁང་བརྩི་བཞག །[ འདི་ཐུགས་ཐོག་ནས་འཆད་ཅིང་། འདིའི་ལན་ཁྲིད་དཔོན་ནས་སྐྱོར་དགོས། དམར་ཁྲིད་རྡོ་ལག་བརྒྱུད་ཅེས་བྱ་བ་འདི་ཡིན། ] | ༢༩ |
ཛ ༽ | ཁྲི་ཆེན་རྒྱ་ར་ཆོས་སྐྱོང་རྒྱ་མཚོས་ཡི་གེར་བཀོད་པ་སྨད་རྒྱུད་ཁྲིད་ཆེན་བརྒྱད། [ མན་ངག་རྡོ་ལག་བརྒྱུད་ཅེས་བྱ་བ་འདི་ཡིན། ] | ༦༨ |
ཝ ༽ | སོ་ཐར་མདོ་རྒྱས་པ་དཔེ་རིང་། | ༢༦ |
འདི་རྣམས་ལོ་རེ་བཞིན་མཁན་རིན་པོ་ཆེས་ངེས་ཅན་དུ་འཆད་ཉན་མཛད་དགོས་པའི་གཞུང་ཁག་སྟེ་ཞལ་བྱང་ཙམ་བཀོད་པའོ། ། | ||
---|---|---|
གྲལ་རིམ། | སྨད་རྒྱུད་པའི་ཐུན་མོང་མིན་པའི་ཆོས་སྐོར་གསུམ་ནི། | གཞུང་ཚན་སོ་སོའི་མཚན། |
༡ | བཤད་པ་རྡོ་ལག་བརྒྱུད། | དམ་ཆོས་འགྲེལ་པ་བཞི་སྦྲགས། སྦས་དོན་ཀུན་གསལ། |
༢ | མན་ངག་རྡོ་ལག་བརྒྱུད། | བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིམ་ལྔ་གསལ་སྒྲོན། རྫོགས་རིམ་མན་ངག་ཁྲིད་ཆེན་བརྒྱད། [ བསྐྱེད་རྫོགས་གཉིས་མན་ངག་དང་བཤད་པ་གཉིས་ཀའི་ཁོངས་སུ་གཏོགས། ] |
༣ | དམར་ཁྲིད་རྡོ་ལག་བརྒྱུད། | རིམ་ལྔའི་དམར་ཁྲིད་ཁྲིད་ཁང་བརྩི་བཞག |