སྤྱི་ལོ་ ༢༠༢༣ ཟླ་ ༡༠ཚེས་ ༡༡ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་བསྟན་འཛིན་བཟང་པོ་མཆོག་ལས་དུས་ལོ་གསུམ་གྱི་འཆད་ཉན་མཛད་དོན་རྣམས་ལེགས་གྲུབ་ཀྱི་རྟེན་འབྲེལ་མཛད་སྒོ་ཚོགས་གནང་མཛད་སོང་།
གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཆེན་རྡོ་རྗེ་འཆང་མང་ཐོས་འདུལ་བ་འཛིན་པ་རྗེ་བཙུན་བསྟན་འཛིན་བཟང་པོ་མཆོག་གྲྭ་ཚང་རིན་པོ་ཆེའི་མཁན་ཁྲིར་མངའ་གསོལ་ཏེ། གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་འཆད་ཉན་སྣེ་མང་གི་མཛད་དོན་རྒྱ་ཆེར་བསྐྱངས་ཤིང་ལོ་གསུམ་གྱི་དུས་ཚོད་ལེགས་པར་གྲུབ་པས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཁྲི་བཤོལ་བཀའ་འཁྲོལ་གྱི་དགོངས་གནང་ལེགས་པར་ཐོབ་སྟེ། སྤྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན་འཆད་ཉན་མཛད་དོན་ལེགས་པར་འགྲུབ་པའི་རྟེན་འབྱུང་གི་མཛད་སྒོ་དང་། མཁན་རིན་པོ་ཆེ་མཆོག་ནས་འདུས་ཚོགས་སུ་བསྙེན་བཀུར་ཡོན་འགྱེད་ཀྱི་བྱ་བ་རྣམས་ལེགས་པར་སྒྲུབ་གནང་མཛད་ཅིང་།
གྲྭ་ཚང་གི་སྐུ་ཞབས་བླ་མས་དབུས་ལས་སྣེ་ལྷན་ཚོགས་དང་གཞིས་སྒར་སྐུ་ངོ་དོན་གཅོད་མཆོག་གིས་དབུས་ལས་འཛིན་ལྷན་རྒྱས་དང། གྲྭ་ཚང་གི་གནས་བརྟན་སྐུ་བགྲེས་སོང་གནད་ཡོད་ལས་བྱེད་དེ་བཞིན་སྐུ་མགྲོན་ཡོངས་ལ་ཉིན་དགུང་གི་གསོལ་ཚིགས་འདེགས་འབུལ་ཞུས།