གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཚན་ཐོ་དང་པོའི་གྲལ་འཛིན་པ་སྔགས་རམས་པ་རྒན་འཆི་མེད་རྡོ་རྗེ་མཆོག་གཟིམ་ཤག་ཏུ་ཐུགས་མཉམ་བཞག་ངང་ནས་སྐུ་ཞི་བར་གཤེགས་ཏེ་ཉིན་གྲངས་མང་པོ་ལ་ཐུགས་དམ་དུ་བཞུགས་འདུག །
དཔལ་ལྡན་སྨད་རྒྱུད་པའི་མཚན་ཐོ་དང་པོའི་གྲལ་འཛིན་པ་སྔགས་རམས་པ་རྒན་འཆི་མེད་རྡོ་རྗེ་མཆོག་དགུང་གྲངས་ ༨༨ སྟེང་བོད་ཟླ་ ༢ པའི་ཚེས་ ༠༨ དང་སྤྱི་ཟླ་ ༣ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན། སྐུའི་བསྙུང་གཞི་ལྕི་བ་གང་ཡང་མེད་པར་གཟིམ་ཤག་ཏུ་ཐུགས་མཉམ་བཞག་ངང་ཞི་བར་གཤེགས་ཏེ་ཉིན་གྲངས་ ༡༠ རིང་ཐུགས་དམ་ལ་བཞུགས་ཡོད་པ་དང་། ཐུགས་དམ་གྲོལ་ཏེ་མཁན་བླ་རྣམ་གཉིས་དབུ་བཞུགས་ཐོག་འདུས་མང་ནས་སྦྱིན་སྲེག་གི་ཆོ་ག་དང་འབྲེལ་བའི་སྐུ་གདུང་ཞུགས་འབུལ་ཞུས་པར་སྐུའི་རིང་བསྲེལ་མང་དུ་འཁྲུངས་ཡོད་འདུག །