༧གོང་ས་མཆོག་གི་གསེར་ཞལ་མཇལ།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུས་ལས་སྣེ་འབྲེལ་ཡོད་དགེ་འདུན་པ་གང་མང་ཞིག་ལ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་ཞལ་མངོན་པར་མཇལ་གྱི་སྐལ་བཟང་བྱུང་སོང་།

སྤྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༠ ཉིན་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་དབུས་ལས་སྣེ་འབྲེལ་ཡོད་དགེ་འདུན་གང་མང་ཞིག་ལ། ༧ སྤྱི་ནོར་ ༧ གོང་ས་ ༧ སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསེར་ཞལ་མངོན་པར་མཇལ་བའི་སྐལ་བཟང་གི་གོ་སྐབས་བྱུང་བ་དང་འབྲེལ་བཀའ་གསུང་བདུད་རྩིའི་སྦྲང་ཆར་སྤྱི་ཕེབས་བྱུང་ཞིང་། ༧ བླ་མ་རིན་པོ་ཆེ་མཆོག་ལ་གྲྭ་ཚང་གི་ལས་འཆར་སོགས་སྙན་སྒྲོན་ཞུ་འབུལ་བྱེད་རྒྱུའི་སྐལ་བ་བཟང་པོ་བྱུང་བ་དང་། བླ་མ་སྤྱན་རས་གཟིགས་དབང་མཆོག་དང་ལྷན་དུ་སྐུ་པར་སྒྲོན།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)