ཟླ་དྲུག་ཟབ་སྦྱོང་དང་པོ་མཇུག་རྫོགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་བོད་རིགས་མཐོ་སློབ་ཐོན་པ་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་གི་ཟབ་སྦྱོང་ཐེངས་དང་པོ་སྤྲད་པ་ལེགས་པར་གྲུབ།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་འོག་བོད་རིགས་མཐོ་སློབ་ཐོན་ཟུར་ཁག་ཅིག་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་དང་པོ་ལེགས་པར་ཟིན་ཏེ་དེ་རིང་ ༢༠༡༤ ལོའི་ཟླ་ ༠༡ ཚེས་ ༣༡ ཉིན་མཇུག་བསྡོམས་མཛད་སྒོ་འཚོགས་པ་དང་མཇུག་བསྡོམས་མཛད་སྒོའི་མཛད་རིམ་ཁག་གཤམ་གསལ།

༡. བོད་ཁྱིམ་སློབ་ཕྲུག་ཚོས་སྣེ་འཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་རྒྱུ།

༢. བཞུགས་གྲལ་དུ་འཁོད་ནས་འོད་སྣང་སློབ་གྲྭའི་ཟློས་གར་བ་རྣམ་པས་སྣེ་དྲངས་ཏེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། བོད་བསྟན་སྲིད་ཀྱི་སླད་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་རྗེས་དྲན་དང་མྱ་ངན་སྐར་མ་གཅིག་གནང་རྒྱུ།

༣. སློབ་དགེ་སྔགས་རམས་པ་ཡོན་ཏན་ནོར་བུ་ལགས་ནས་མཛད་སྒོ་ངོ་སྤྲོད་དང་འབྲེལ་ཟླ་བ་དྲུག་གི་ལས་བསྡོམས་སྙན་སེང་ཞུ་རྒྱུ་དང་ཆབས་ཅིག །གསོལ་ཇ་འབྲས་བསིལ་འབུལ་རྒྱུ།

༤. བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་གཞོན་ཐུབ་བསྟན་ཚེ་རིང་ལགས་ནས་ལས་འཆར་འདིའི་དགོས་དམིགས་དང། བརྒྱུད་རིམ་སོགས་ལས་བརྩམས་པའི་བཀའ་སློབ་གསུང་བཤད་གནང་རྒྱུ།

༥. དཔལ་ལྡན་སྨད་རྒྱུད་གྲྭ་ཚང་བླ་དབུ་ལས་སྣེ་འདུས་སྤྱིའི་སྐུ་ཚབ་མཛད་དེ་སྐྱབས་མཆོག་མཁན་རིན་པོ་ཆེ་བློ་བཟང་ཕན་བདེ་མཆོག་ནས་བཀའ་སློབ་གསུང་བཤད་གནང་རྒྱུ།

བྱ་དགའ་གསོལ་རས་དང་ཕྱག་ཁྱེར་འབུལ་རྒྱུའི་མཛད་རིམ།

༦. ཀ.  ཐུབ་བསྟན་མཛེས་པའི་རྒྱན་གཅིག་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོའི་ཕྱག་བསྟར་ཏེ། སློབ་ཕྲུག་ཡིག་རྒྱུགས་རྩེ་མོར་སོན་པ་གསུམ་ལ་བྱ་དགའ་གསོལ་རས་གནང་རྒྱུ།

ཁ.  དེ་རྗེས་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱི་ཕྱག་ནས་སློབ་ཕྲུག་གསུམ་ལ། [ ཉེ་བའི་རྩེ་ཕུད་ ] ཀྱི་བྱ་དགའ་གསོལ་རས་གནང་རྒྱུ། 

ག.  དེའི་རྗེས་ཐོག་ཏུ་སློབ་སྤྱི་རྒན་ཚེ་རིང་བཀྲིས་ལགས་ནས་ཚོགས་ཁང་ཆེན་མོའི་ཨར་ལས་དོ་དམ་པ་དང། སློབ་ཕྲུག་ཡོངས་ལ་སྟོང་མིན་ལེགས་གསོལ་གནང་རྒྱུ།

༧.  བསྟན་པའི་གསལ་བྱེད་མཚུངས་མེད་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་སློབ་ཕྲུག་ཡོངས་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་བསླབ་པ་མཐར་སོན་གྱི་ཕྱག་ཁྱེར་གནང་རྒྱུ། 

སྐུ་མགྲོན་རྣམ་པའི་གསུང་བཤད།

༨. ཧུན་སུར་རབ་རྒྱས་གླིང་གི་གཞིས་མཉམ་གཉིས་ཀྱིས་མཚོན་པའི་གཞུང་འབྲེལ་ལས་ཁུངས་སྡེ་ཚན་ཡོངས་ཀྱི་སྐུ་ཚབ་མཛད་དེ། ས་གནས་གཞིས་འགོ་ལགས་ནས་ལས་འཆར་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་རྒྱུ།

༩. བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་ལས་འཆར་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་རྒྱུ།

༡༠. སྐུ་མགྲོན་གཙོ་བོ་ལུང་རྟོགས་བསྟན་པའི་བདག་ཉིད་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོའི་ཞལ་སྔ་ནས་འདི་ཕྱིའི་ལམ་སྟོན་ལུགས་ཟུང་བཀའ་སློབ་སྩལ་རྒྱུ།

སྐར་མ་བཅོ་ལྔ་རིང་བར་སེང།

༡༡. མཐའ་རྒྱན་གྱི་དགའ་སྟོན་རྟེན་འབྲེལ་སླད་གནས་སྔ་རིག་པའི་དགའ་ཚལ་འོད་སྣང་སློབ་གྲྭའི་གཞོན་ནུ་ཕོ་མོ་རྣམས་ནས་རིག་གཞུང་འཁྲབ་སྟོན་གྱི་གཞས་སྣ་གསུམ་གཟིགས་འབུལ་ཞུ་རྒྱུ།

༡༢. དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་སྐོས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་རེ་ཞིག་མཛད་སྒོ་བཀྲིས་བདེ་ལེགས་ངང་གྲོལ་རྗེས། སྐུ་མགྲོན་ཡོངས་ལ་ཉིན་གུང་གི་ཞལ་ལག་འདེགས་འབུལ་ཞུ་རྒྱ་བཅས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང། རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་ནས་སྤྱི་ལོ་ ༢༠༡༤ ཟླ་བ་ ༡༢ ཚེས་ ༡༥ ལ།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)