གངས་ཅན་སློབ་གྲྭ་དབུ་འབྱེད།

སྤྱི་ལོ་ ༢༠༡༡ ལོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་གྲྭ་ཚང་དུ་ཆིབས་བསྒྱུར་གནང་སྐབས་སྤྱི་ཟླ་ ༡༢ ཚེས་ ༧ ཉིན་ ༧ གོང་ས་མཆོག་གིས་རྒྱུད་སྨད་སློབ་གཉེར་ཁང་གི་ཡན་ལག་གངས་ཅན་རིག་གནས་སློབ་གྲྭ་འདི་ཉིད་ལ་རབ་གནས་བྱིན་འབེབས་དང་། དབུ་འབྱེད་བཀའ་དྲིན་བསྐྱངས་ཤིང་།སྐབས་དེར་སློབ་གྲྭའི་ལས་བསྡོམས་ཤིག་ཀྱང་ལྷ་སྙན་སྒྲོན་འབུལ་ཞུས་ཡོད།༢༠༡༡།༡༢།༠༧།ཉིན་གྱི་མཛད་སྒོའི་སྐབས།

རྒྱུད་སྨད་དུ་ཟླ་གཅིག་ཟབ་སྦྱོང་གཉིས་པ།

སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་གཉིས་དང་བསྟུན་ཏེ་སློབ་ཕྲུག་རྣམས་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བསུ་ལེན་གནང་སྟེ། ཟླ་བ་གཅིག་རིང་བོད་ཀྱི་སྐད་ཡིག་དང་། རིགས་ལམ། ནང་ཆོས་བཅས་ཀྱི་སློབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། ཕྱོགས་མཐའ་ཁག་ནས་བསུ་ལེན་གནང་བའི་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་སློབ་གཉེར་གནང་ཞིང་། དམ་བཅའ་ཚོགས་ཏེ་རིགས་ལམ་སྦྱོང་བ། ༢༠༡༡།༠༦།༠༩། ཉིན།

བདེ་ཆེན་གསང་སྔགས་མཁར།

བདེ་ཆེན་གསང་སྔགས་མཁར་དགོན་ནི། ད་ལྟའི་སྟག་རྩེ་རྫོང་གི་ཉེ་འགྲམ་དང་། སྔོན་བདེ་ཆེན་རྫོང་ཤུལ་གྱི་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། རྗེ་ཙོང་ཁ་པ་གནས་དེར་ཞབས་བཅགས་ནས་གསང་འདུས་ཀྱི་ཉམས་ལེན་གནང་། སྡེ་པ་སྐྱིད་ཤོད་པས་ཉམས་གསོ་གནང་། བདེ་མཆོག་དང་འཇིགས་བྱེད་ཀྱི་སྐུ་བརྙན་ཡོད་ཀྱང་གསང་འདུས་ཀྱི་སྐུ་བརྙན་མེད་པ་ནི་དགོན་དེ་ཉིད་གསང་བ་འདུས་པ་ཡིན་ཞེས་གསུངས། དགོན་པའི་མཚན་ལའང་གསང་སྔགས་མཁར་ཞེས་གསོལ།

གངས་ཅན་སློབ་གྲྭའི་ཟླ་གཅིག་ཟབ་སྦྱོང་།

སྤྱི་ལོ་ ༢༠༡༠ ལོར་སློབ་གྲྭ་དབུ་བརྙེས་པ་ནས་བོད་ཁྱིམ་ཡིག་ཚང་སོགས་དང་འབྲེལ་བ་གནང་སྟེ། སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་གཉིས་དང་བསྟུན། ཟླ་བ་གཅིག་རིང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་སློབ་ཕྲུག་བསུ་ལེན་གྱིས། སློབ་ཚན་དང་དགེ་རྒན། བཞུགས་གནས་དང་ཞལ་ལག་ཡིག་ཆས་སོགས་གོ་སྒྲིག་གིས་བོད་ཀྱི་སྐད་ཡིག་དང། རིགས་ལམ། ནང་ཆོས་བཅས་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད། ༢༠༡༠ ལོ།

རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་སྨིན་སྒྲུབ།

༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢:༣༠ ལ་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་མཆོག་དང་། སྐུ་ཞབས་བླ་མ་རྣམ་གཉིས་དབུ་བཞུགས་ཐོག་འདུས་མང་ཡོངས་ནས། ༧གོང་ས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་སླད། སྨན་བླའི་ཆོ་ག་དང་འབྲེལ་སྨན་བླའི་གཟུངས་སྔགས་དང་། ༧རྒྱལ་བའི་མཚན་སྔགས་སོགས་གྲངས་གསོག །༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུངས་ཏེ་རྒྱལ་བའི་ཞབས་རིམ་གནད་སྨིན་ཞུས།

ཉིས་སྟོང་ཉེར་བཞི་ལོའི་དམ་བཅའ་ཆེན་མོ་གཉིས་པ།

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྤྱི་ལོ་ ༢༠༢༤ ལོའི་དམ་བཅའ་ཆེན་མོ་གཉིས་པ་དེ་ལོ་འདིའི་ཟླ་ ༦ ཚེས་ ༠༥ ཉིན་ཚོགས།

སྔ་དགོང་གི་ཆོས་རའི་ནང་གི་རྩོད་ཟླ།

སྤྱིར་བོད་དུ་རྒྱུད་གྲྭར་སྔགས་ཕྱོགས་ལ་ཐོས་བསམ་སློབ་གཉེར་ལས། མདོ་ཕྱོགས་གྱི་གཞུང་ཆེན་ལ་གདན་ས་ཁག་ནང་བཞིན་སློབ་གཉེར་གནང་སྲོལ་མེད་ན་ཡང་། ༧ བླ་མ་སྤྱན་རས་གཟིགས་ཀྱིས་བཀའ་དགོངས་ལམ་སྟོན་ལྟར། ༡༩༨༡ ལོ་ནས་འདི་ག་རྒྱུད་སྨད་གྲྭ་ཚང་དུའང་སྔོན་སྲོལ་རྒྱུད་འཛིན་གྱི་སྟེང་མཚན་ཉིད་ཀྱི་གཞུང་ཆེན་བཀའ་པོད་ལྔ་ལ་གདན་ས་ཁག་ལྟར་སློབ་གཉེར་གྱི་ལམ་སྲོལ་གསར་འཛུགས་གནང་། ༢༠༠༩།༠༤།༡༡།ཉིན་གྱི་ཆོས་རྭ།

གངས་ཅན་སློབ་གྲྭ་སྔོན་འགྲོའི་དབུ་འབྱེད།

གངས་ཅན་རིག་གནས་སློབ་གྲྭ་ནི་རྒྱུད་སྨད་གྲྭ་ཚང་གི་སློབ་གྲྭའི་ཡན་ལག་ཅིག་སྟེ་མི་རིགས་དང་། ཕོ་མོ་དབྱེ་བ་མེད་པར་ནང་ཆོས་དང་བོད་ཡིག་སློབ་སྦྱོང་བྱེད་ས་ཞིག་ཡིན་ཞིང་། མཚན་བྱང་འདི་ཡང་༧ གོང་ས་མཆོག་གིས་གནང་བ་ཡིན་ལ།༢༠༠༧ལོར་༧གོང་ས་མཆོག་གིས་བཀའ་སློབ་ནན་ཕེབས་ལྟར་གསར་འཛུགས་གནང་བ་དང་། ༢༠༡༠།༠༤།༢༨།ཉིན་སྔོན་འགྲོའི་དབུ་འབྱེད་དང་རབ་གནས་གནང་ཞིང་སློབ་གྲྭའི་བྱེད་སྒོ་དབུ་འཛུགས་གནང་།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)