གཟའ་ལྷག་པའི་ནང་ཆོས་ངོ་སྤྲོད།

༢༠༡༠ ལོར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭས་ས་གནས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་འབྲེལ་ལམ་ཐོག་དུས་ནས་དུས་སུ་མི་མང་བསྡུ་སྐོང་གིས་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད་པ་དང་། དེ་ཡང་སྤྱི་ལོ་༢༠༡༡ནས་བཟུང་རེས་གཟའ་ལྷག་པ་འཆར་ཅན་ལ་ཧུན་སུར་རབ་རྒྱས་གླིང་གི་མི་མང་སུ་ཕེབས་ལ་ནང་ཆོས་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད། ༢༠༡༠ ལོའི་རེས་གཟའ་ལྷག་པའི་ནང་ཆོས་འཛིན་གྲྭ་ཞིག །

རྒྱུད་སྨད་སློབ་གྲྭ་སྔོན་འགྲོའི་དབུ་འབྱེད།

སློབ་གྲྭའི་འཛིན་ཁང་སོགས་གསར་བསྐྲུན་དང་། སློབ་གྲྭའི་མཚན་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་ཀྱི་སློབ་གཉེར་ཁང་ཆེན་མོ་ཞེས་མིང་བསྒྱུར་གནང་ཞིང་། ༢༠༠༦།༧།༦། ཉིན་དགེ་འདུན་མང་སློབ་གྲྭར་འཛོམས་ཏེ་རྟེན་འབྲེལ་གྱིས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་གནང་བ་དང་། ༧གོང་ས་མཆོག་གིས་སློབ་གཉེར་ཁང་གི་པར་རིས་ཀྱི་སྟེང་དུ་མཚན་རྟགས་དང་ཟླ་ཚེས་འཁོད་པའི་ཕྱག་བྲིས་ཕྱག་བསྟར་མ་ཡང་གནང་ཡོད།

རྒྱུད་སྨད་སློབ་གཉེར་ཁང་དབུ་འབྱེད།

༢༠༠༧ ལོར་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲྭ་ཚང་དུ་ཆིབས་ཞབས་བསྒྱུར་ཏེ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་བཀའ་ཁྲིད་གནང་སྐབས་དང་བསྟུན། ༢༠༠༧ ལོ་སྤྱི་ཟླ་ ༡ ཚེས་ ༨ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སློབ་གཉེར་ཁང་གི་འཛིན་ཁང་སོགས་གསར་པ་ལེགས་གྲུབ་བྱུང་བ་ལ་རབ་གནས་བྱིན་འབེབས་དང་དབུ་འབྱེད་བཀའ་དྲིན་བསྐྱངས། ༢༠༠༧།༠༡།༠༨། ཉིན་གྱི་སློབ་ཁང་དབུ་འབྱེད་ཀྱི་སྐབས།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)